དྲ་ཚིགས་ཀྱི་མདུན་ཤོག>>གློག་བརྙན། >> མི་ཚེ་ཡི་གར་འོང་། མི་ཚེ་ཡི་གར་འོང་། སྒྲོལ་མ་མཚོ། ༓ནང་དོན་མདོར་བསྡུས། ལྗེའུ་རིགས་ཀྱི་གཞོན་ནུ་བཱ་རྡོ་དང་ཁོའི་གྲོགས་པོ་གཉིས་ཀྱིས་རླངས་འཁོར་བསྐོ ར་ཏེ་ཨ་ལེ་ཙོ་ཟེར་བའི་གྲོང་བརྡལ་ཆུང་ཆུང་དེར་སླེབས། བཱ་རྡོ་ལ་གྲོང་ཁྱེར་དེ་རུ་དཔེ་ཁང་ཞིག་འཛུགས་གཉེར་བྱེད་པའི་དམིགས་འདུན་ཞིག་ ཡོད་ལ། ལམ་བར་ནས་སྔོན་བསགས་ལས་ཀྱིས་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་པའི་མིང་ལ་ཏོ་ ལ་ཟེར་བའི་བཞིན་བཟང་གི་བུ་མོ་ཞིག་ལ་བཱ་རྡོ་ལམ་འཕྲད་བྱུང་ཞིང་། ཁོ་གཉིས་ཕན་ཚུན་ཡུན་རིང་དུ་འགྲོགས་མཐར་དགའ་རོགས་སུ་གྱུར། ཡིན་ཡང་ལས་དབང་དང་ཚོགས་བསགས་བསོད་ནམས་གང་ཞིག་གི་དབང་གིས་ཧྥ་ཤི་སིའི་སྲིད་ད བང་གིས་འཕྲོག་རྩོད་ཀྱི་དུས་དང་ཁེལ་བའི་བཱ་རྡོ་དང་ཁོའི་བུ་གཉིས་ལྗེའུ་རིགས་ རྒྱུད་ཡིན་པས་བཙན་གྱིས་བཙོན་འཇུག་བྱས་པ་དང་། ཏོ་ལར་ལྗེའུ་རིགས་ཀྱི་ཁྲག་རྒྱུད་མེད་ཀྱང་བཟའ་མི་དང་སྐྱིད་སྡུག་མཉམ་འཁུར་གྱ ིས་ཁོ་གཉིས་ཀྱི་རྗེས་དེད་ནས་སོང་ཡང་། བཙོན་འཇུག་བྱེད་དུས་ཁོ་མོ་ཁོ་གཉིས་དང་ཁ་བྲལ་དུ་བཙོན་དུ་བཅུག བཱ་རྡོ་ཡིས་སྐྱོ་སྡུག་མཐའ་དག་རང་ཉིད་གཅིག་པུས་ཁུར་ཏེ་རང་གི་བུ་ལ་དེ་ནི་རྩེ ད་མོ་ཞིག་ཡིན་ལ་སུ་ཞིག་ལ་རྒྱལ་བ་ཚེ་བྱ་དགའ་ལ་རྩེད་ཆས་ཐན་ཁེ་ཞིག་ཐོབ་ཅེས་རྫ ུན་གཏམ་བཤད་དེ། རང་གི་བུ་ཕྲུག་སྐྱོ་་སྡུག་གི་ཀློང་དུ་ལྷུང་དུ་མ་བཅུག་པར་སྤྲོ་སྐྱིད་ངང་མུན ་པའི་དུས་དེ་བདའ་ཐབས་བྱས། བཙོན་ར་ཆེན་མོའི་འཚོ་བར་དཀའ་སྡུག་མང་པོ་ཡོད་རུང་། བཱ་རྡོས་རང་གི་བུ་ཕྲུག་ལ་དགོད་གཏམ་སོགས་བཤད་དེ་བུ་དགའ་སྤྲོའི་ངང་འཚོ་བར་བ ུག་ནས་ཁོ་བའི་སེམས་སུ་ནག་ནོག་གི་དྲི་མ་འགོས་སུ་མ་བཅུག མཐར་ཁོ་རང་ཧྥ་ཤི་སིའི་མུན་པའི་སྲིད་དབང་འོག་ནས་འཇིག་རྟེན་དང་གཏན་དུ་གྱེས་ད གོས་སོང་། ༓དཔྱད་གཏམ། གཏམ་རྒྱུད་འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས ་ཡོད་ལ། དམག་ཆེན་ཐེངས་གཉིས་པའི་སྐབས་ལྗེའུ་རིགས་ཀྱི་མི་ཁྲི༦༠༠ལྷག་གནོད་འཚེའི་ཀློང་ དུ་ཚུལ་པ་ནི་ལྗེའུ་རིགས་ལ་མཚོན་ན་སེམས་ཁོང་ནས་བརྗེད་དཀའ་པའི་རྨ་ཁ་ཞིག་ཏུ་ག ྱུར་འདུག དུས་མཚམས་འདིའི་ལྗེའུ་རིགས་ཀྱི་ཁྲག་དང་མིག་ཆུའི་བྲིས་པའི་ལོ་རྒྱུས་བརྗོད་བ ྱ་བྱས་པའི་གློག་བརྙན་མི་ཉུང་བ་ཞིག་མཆིས་ན་ཡང་། དེ་དག་ལས་གློག་བརྙན་འདི་ནི་ཆེས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ། གློག་བརྙན་འདི་ལ་སྒོ་གཉིས་ནས་འཇུག་དགོས་བསམ་ལ་གཅིག་ནི་གྲོང་གསེབ་ཅིག་ནས་འོ ང་བའི་ལྗེའུ་རིགས་ཀྱི་གཞོན་ནུ་ཞིག་བུ་མོ་ཞིག་ལ་ཡིད་སྨོན་ཤོར་ནས་བརྩེ་དུང་ཆ གས་པའི་མིའི་ལྷན་སྐྱེས་ཀྱི་བརྩེ་བ་མཛེས་སྡུག་ལྡན་པ་ཞིག་བརྗོད་འདུག་ལ། གཉིས་སུ་ན་ཨ་ཕ་ཞིག་གིས་བཙོན་རའི་ནང་ནུས་ཤུགས་ཡོད་ཚད་བཏོན་ནས་རང་གི་བུ་ཕྲུག ་སྲུང་སྐྱོབ་བྱེད་པར་དཀའ་བ་ཡོད་ཚད་དང་དུ་བླངས་ནས་སེམས་ཀྱིས་གཅེས་ཤིང་བདེ་བ ་ཅི་ཡོད་བུ་ལ་བྱིན་པའི་མི་སེམས་འགུག་པའི་གཏམ་རྒྱུད་གཞིར་བཟུང་ནས“སྡུག་ནའང་ བུ་ཕྲུག་སྡུག་མི་རུང་། དབུལ་ནའང་སློབ་གསོའི་དབུལ་མི་རུང”ཞེས་པའི་སྐད་ཆ་དེ་ཡང་བསྐྱར་དྲན་སྐུལ་ཞིག་ བྱས་འདུག་བསམས། གློག་བརྙན་གྱི་ཡིད་འགུག་ནུས་པའི་ཆ་ནས་བཤད་ན་བཙོན་ར་ཆེན་མོ་དེ་ལྗེའུ་རིགས་ཀ ྱི་གཞོན་ནུ་འདིས་མིག་ཆུའི་ཕྲེང་བ་གཏོར་སར་གྱུར་ན་ཡང་ཁོས་ང་ཚོར་དགའ་སྤྲོ་དང ་བདེ་སྐྱིད་ཚད་མེད་བསྐྱེད་ཡོང་ལ་ཐ་ན་འཆི་ཁར་ཡང་ང་ཚོར་དགོད་ཁ་བསླངས། མ་གཞིར་འདི་འདྲའི་སྡུག་གི་ཀློང་དུ་ཚུད་པའི་དམག་འཁྲུག་གི་ན་བུན་ཞིག་སྤྲོ་གར ་གྱི་རྣམ་པས་འཁྲབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཡིན་ཡང་གློག་བརྙན་ཧྲིལ་བོའི་ཁྲོད་དགོད་སྤྲོ་བའི་ཆ་མང་ཏུ་འདུག་པ་འདི་ནི་གློ ག་བརྙན་འདིའི་ཆེས་ཡིད་དབང་འགུག་པའི་སྒྱུ་རྩལ་ཞིག་རེད། གློག་བརྙན་འདི་ལ་བལྟས་རྗེས་ང་ལ་རང་ཉིད་ཀྱིད་འཚོ་བའི་རྣམ་འགྱུར་ལ་ཕྱིར་འདང་ ཞིག་བྱས། ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་རྣམ་འགྱུར་དེ་སྤྲོ་སེམས་ཀྱིས་བཏེགས་པ་ཞིག་ཡིན ་དགོས་ཏེ། གློག་བརྙན་ཁྲོད་ཀྱི་ཨ་ཕས་གནས་བབ་དེ་འདྲའི་སྐྱོ་བོ་ཞིག་གི་འོག་ནས་ཀྱང་སྤྲོ་ བའི་འཛུམ་མདངས་མ་ཡལ་བར་འཚོ་ཐུབ་ན་ང་ཚོས་ཅི་ལ་མི་ཐུབ་བམ་བསམས་སོ། ། * གློག་བརྙན་གྱི་རྩ་བའི་ཆ་འཕྲིན། * བོད་འགྱུར་མིང་། མི་ཚེ་ཡི་གར་འོང་། * མ་བརྙན་མིང་། La vita è bella * རྒྱ་འགྱུར་མིང་། 美丽人生 * བརྙན་རིགས། གཏམ་རྒྱུད། བརྩེ་དུང་། ཁྱིམ་ཚང་། དམག་འཁྲུག * རྒྱལ་ཁབ། ཨི་ཐ་ལི། * སྐད་རིགས། ཨི་ཐ་ལི། འཇར་མན། ཨིན་སྐད། * འགྲེམ་དུས། 1997 * ཡུན་ཚད། སྐར་མ116། * འཁྲབ་ཁྲིད།Roberto Benigni * གཙོ་འཁྲབ།Roberto Benigni,Nicoletta Braschi * རིམ་དབྱེ། ཚང་མས་ལྟ་ཆོག * བརྙན་ཡིག བོད་ཡིག་མེད། * འགྲེམ་པར་བཟོ་མཁན། ཕུར་བུ་དོན་གྲུབ། * དེ་ལས་མང་བ། * རྒྱ་ཡིག་དྲྭ་བ། * ཨིན་ཡིག་དྲྭ་བ། * པར་རིས། * [ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-06-06] [ཀློག་གྲངས། ] གོང་ངོས། འཚོལ། འོག་ངོས། ལྷད་མེད་པའི་སེམས་པ། དཔྱད་བརྗོད། དཔྱད་གཏམ་སྤེལ་བ། Copyright © 2011-2013 tibetitw.com E-mail: bosubtitle@126.com