* དབྱིན་ཡིག * རྒྱ་ཡིག། * ར་ཤི་ཡ། * ཧིན་སྐད། * མདུན་ངོས། * མཛད་རྣམ། * དགོངས་གཞི། * གསུང་རྩོམ། * གསུང་འཕྲིན། * བཀའ་སློབ། * མཛད་འཆར། * དྲ་བརྙན། * སྐུ་པར། * ཡིག་ཚང་། * གསལ་བསྒྲགས། དྲ་བར་འཚོལ་ཞིབ།: _______________ འཚོལ་ཞིབ། དགོངས་གཞི། * འགན་ཁུར་གསུམ། * འཛམ་གླིང་ཞི་བདེ། * བྱམས་བརྩེ་དང་འཚེ་བ་མེད་པ། * ནང་ཆོས་དང་ཚན་རིག * དབུ་མའི་ལམ། * ཏཱ་ལའི་བླ་མའི་ཡང་སྲིད། * དུས་རབས་ ༢༡ པའི་ནང་པ། གསུང་འཕྲིན། * ནོ་བྷེལ་ཞི་བདེའི་གསུང་འཕྲིན། * ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན། * གསུམ་བཅུའི་གསུང་འཕྲིན། * བོད་རིགས་མི་མང་ལ་གནང་བ། * རྒྱ་རིགས་མི་མང་ལ་གནང་བ། * གལ་ཆེའི་གསུང་འཕྲིན་གཞན། མཛད་རྣམ། * མཛད་རྣམ་སྙིང་བསྡུས། * གལ་ཆེའི་མི་སྣ་མཇལ་འཕྲད། * ཆིབས་བསྒྱུར། * དུས་འཁོར་དབང་ཆེན། * གཟེངས་རྟགས། * ཕྱག་འཁྱེར། * ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས། * རྒྱལ་དབང་སྐུ་འཕྲེང་རིམ་བྱོན། དབྱེ་བ། * ཡིག་ཆ་གསར་ཤོས། མདུན་ངོས། མི་ཚེ་ལ་འཕྲལ་དང་ཕུགས་ཀྱི་དགོས་པ་གཉིས་ཡོད། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༢ ཉིན་སྔ་དྲོ་སློབ་ཕྲུག་གིས་གཙོས་མི་མང་ ༡༠༠ བརྒལ་བར་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་དང་སྒྱུ་རྩལ་ཞེས་ པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གྲུབ་ནས་ཉིན་གུང་གསོལ་ཚིགས་རྗེས་ལ་ ཝན་ཁོ་ཝར་གྲོང་ཁྱེར་དུ་ཡོད་པའི་TED ཞེས་པའི་ཐེབས་རྩའི་འགན་འཛིན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་ཡོད་པ་རེད། དེ་ཡང་ཝན་ཁོ་ཝར་གྲོང་ཁྱེར་དུ་ཡོད་པའི་ TED ཞེས་པའི་ཐེབས་རྩའི་འགན་འཛིན་ཁུ་རི་སི་ཨན་ཊིར་སན་ Chris Anderson གྱིས་ཝན་ཁོ་ཝར་གྲོང་ཁྱེར་གྱི་རྣམ་པ་ཆ་ཚང་མཐོང་ཐུབ་པའི་ཁང་བརྩེགས་མཐོ་ཤོས་ཤ ིག་གི་ཐོག་བརྩེགས་ ༦༢ ནས་བཀའ་འདྲི་གནང་ཡོད་པ་དང་། TED ཞེས་པའི་ཐེབས་རྩའི་འགན་འཛིན་ཁུ་རི་སི་ཨན་ཊིར་སན་ Chris Anderson གྱིས་༧གོང་ས་མཆོག་ལྷ་སར་བཞུགས་སྐབས་༧རྒྱལ་ཡུམ་ཆེན་མོའི་དྲུང་ནས་དམིགས་བསལ་ གྱིས་བསླབ་བྱ་གང་དག་ཐོབ་སོང་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་གཞན་ཕན་གྱི་བསམ་བློ་དང་བྱམས་བརྩེ་གཉིས་ཐོབ་ཡོད་པར་བཀའ་ལན་ སྩལ་ཡོད་པ་དང་། དེ་བཞིན་ནང་པའི་ཆོས་ཀྱི་སློབ་སྦྱོང་ནང་རྟག་དཔྱད་གཏོང་རྒྱུའི་ལམ་ལུགས་ཡོད་པ ་དེས་ངོས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་རྒྱུ་མཚན་བཙལ་རྒྱུའི་བློ་དེར་སྐུལ་མ་ཆ ེན་པོ་ཐེབས་ཡོད། འདི་ནི་ཆོས་དང་ཚན་རིག་གི་མཐུན་པའི་ཆ་ཞིག་རེད། ཅེས་དང་། ཡང་། ཁུ་རི་སི་ལགས་ཀྱིས་མི་ཚེའི་དགོས་པ་ཅི་ཞིག་རེད་ཅེས་བཀའ་འདྲི་ཞུས་པར། བཀའ་ལན་གནང་དོན། མི་ཚེ་ལ་འཕྲལ་དང་ཕུགས་ཀྱི་དགོས་པ་གཉིས་ཡོད། སྒོ་ལྔའི་དབང་ཤེས་ལ་བརྟེན་ནས་བདེ་སྐྱིད་འཚོལ་བ་འཕྲལ་སེལ་རེད། ཕུགས་ཀྱི་བདེ་སྐྱིད་ནི་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་འཚོལ་རྒྱུ་དེ་རེད། ང་ཚོ་མི་ཡིན་པའི་ཆ་ནས་བདེ་སྐྱིད་འདི་འཚོལ་བའི་གོ་སྐབས་མང་བ་ཡོད་པ་རེད། ཅེས་དང་། ༧གོང་ས་མཆོག་དང་མཇལ་འཕྲད་ཞུས་མྱོང་བའི་སི་པིན་གྱི་ཡི་ཤུའི་བྱ་བྲལ་བ་ཞིག་གི ས་བྱམས་བརྩེ་སྒོམ་པའི་ལོ་རྒྱུས་གསུངས་པ་དང་འབྲེལ་ནས་བྱམས་བརྩེ་ཡིས་རང་ཉིད་ ལ་སྤོབས་པ་བསྐྲུན་པ་དང་། ཁོང་ཁྲོས་ཞེད་སྣང་བསྐྲུན་གྱི་ཡོད་པས་བྱམས་བརྩེ་ཡིས་འཇིགས་སྣང་མེད་པ་བཟོས་ཏ ེ་སེམས་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད་ཅེས་བཀའ་སློབ་སྩལ། གཞན་ཡང་། འགྲོ་བ་མིའི་མ་འོངས་མདུན་ལམ་ཐོག་ལ་༧གོང་ས་མཆོག་ཐུགས་རེ་ཇི་འདྲ་ཞིག་ཡོད་མེད ་བཀའ་འདྲི་ཞུས་པར། ཕྱི་ལོ་ ༡༩༩༦ ལོར་དབྱིན་ཡུལ་གྱི་རྒྱལ་མོར་མཇལ་འཕྲད་ཅིག་གི་སྐབས་སུ་ངོས་ཀྱིས་ཁོང་ལ་ཁྱེད་ རང་དུས་རབས་ ༢ བ་ཆ་ཚང་གཟིགས་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ད་ལྟ་འཛམ་གླིང་འདི་ཡག་སྡུག་གང་དུ་ས ོང་ཡོད་པ་དང་། ཡང་ན་སྔར་བཞིན་བསྡད་འདུག་ཅེས་དྲི་བ་ཞུས་པར། རྒྱལ་མོ་ཁོང་གིས་ཐེ་ཚོམ་མེད་པར་ཡག་དུ་ཕྱིན་ཡོད་པ་རེད། ཅེས་དང་། མོ་རང་ཆུང་དུས་འགྲོ་བ་མིའི་ཐོབ་ཐང་དང་། རང་ཐག་རང་གཅོད་ཀྱི་སྐོར་སྐད་ཆ་ཤོད་མཁན་ཙམ་ཡང་མེད། དེང་སང་འཛམ་གླིང་ཡོངས་སུ་ཁྱབ་བསྡད་ཡོད། དེ་བཞིན་དུས་རབས་ ༢ ནང་དཀའ་ངལ་གང་འཕྲད་ལམ་སེང་དཔུང་ཤུགས་ཀྱི་ཐོག་ནས་སེལ་ཐུབ་པར་ཡིད་ཆེས་བྱེད་ཀ ྱི་ཡོད། ད་ལྟ་ཡིད་ཆེས་དེའང་མེད་པར་གྱུར་བ་རེད། ཅེས་གསུངས་སོང་། དུས་རབས་གོང་མར་ཆོས་དང་ཚན་རིག་ནི་འབྲེལ་བ་མེད་པ་ཞིག་རེད། ད་ལྟའི་སྐབས་སུ་སེམས་པ་བཟང་པོ་བྱེད་པ་ལ་ཚན་རིག་པ་མང་པོ་ཞིག་གིས་དགའ་མོས་ཆེ ན་པོ་བྱེད་ཀྱི་ཡོད། དེར་བརྟེན་དུས་རབས་༢༡ ནང་མུ་མཐུད་འགྱུར་བ་གཏོང་ཐུབ་ཀྱི་རེད། ཡིན་ནའང་། འགྱུར་བ་གཏོང་བ་ལ་བརྩོན་འགྲུས་དང་ལྷག་བསམ། ཕུགས་ཀྱི་མནོ་བསམ་བཅས་འདི་གསུམ་དགོས། ངོས་རང་འཆི་བ་ལ་འཇིགས་སྣང་མེད། ང་ཚོར་དགོས་རྒྱུ་ནི་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་དེ་རེད། གཞན་ལ་ཕན་ཐོགས་བྱས་པ་ཡིན་ན་སོ་སོའི་སེམས་ལ་ཞི་བདེ་ཡོང་གི་རེད། རྒྱ་ནག་ལྟ་བུར་མཚོན་ན་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཆེན་པོ་ཡོད། ཡིན་ནའང་། ཞབས་འདེགས་ཞུ་བར་འཛམ་གླིང་གཞན་གྱིས་ཡིད་ཆེས་སླེབས་ཐུབ་པ་ཞིག་བཟོ་དགོས། རྒྱ་ནག་མི་གྲངས་དུང་ཕྱུར་ ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་པའི་ཐོབ་ཐང་དང་ནུས་པ་ཡོད་ལ། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གནས་ཚུལ་འགོག་པ་ནི་ནོར་འཁྲུལ་ཆེན་པོ་ རེད། དེ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དེའང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་ག ཞི་དང་མཐུན་པ་ཡོང་བ་བྱེད་དགོས། ཅེས་དང་། ཁུ་རི་སི་ལགས་ཀྱིས་དྲི་བ་ཐ་མ་ཞུ་དོན། TED དམིགས་ཡུལ་དང་འབྲེལ་ནས་གཞན་ལ་སྤེལ་འོས་པའི་དགོངས་ཚུལ་ནང་དུ་༧གོང་ས་མཆོག་གི ་དགོངས་གཞི་དམིགས་བསལ་བ་ཞིག་སྤེལ་དགོས་ན་གང་ཡིན་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་འགྲོ་བ་མི་ཆ་ཚང་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་སྟེ། ང་ཚོ་དང་ཁོ་ཚོ་ཞེེས་རིས་སུ་མི་གཅོད་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་ལན་གནང་ཡོད་པ་རེད། * གསར་འགྱུར། 2014/10/24 — རྩོམ་སྒྲིག་པས། ཡན་ལག་དཀར་ཆག * དབྱིན་ཡིག * རྒྱ་ཡིག། * ར་ཤི་ཡ། * ཧིན་སྐད། རྩ་བའི་དཀར་ཆག * མདུན་ངོས། * མཛད་རྣམ། * དགོངས་གཞི། * གསུང་རྩོམ། * གསུང་འཕྲིན། * བཀའ་སློབ། * མཛད་འཆར། * དྲ་བརྙན། * སྐུ་པར། * ཡིག་ཚང་། * གསལ་བསྒྲགས། ནང་དོན་ཡོད་ཚད་ཀྱི་པར་དབང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ཡི་གེ་ཆེ་ཆུང་། ^-A A ^+A བཀའ་སློབ། * ནང་ཆོས་སྐོར། * ཚན་རིག་སྐོར། * བོད་དོན་སྐོར། * ཁོར་ཡུག་སྐོར། * ཤེས་ཡོན་སྐོར། * རིག་གཞུང་སྐོར། * དོལ་རྒྱལ་སྐོར། * དྲི་བ་ཁག་གི་བཀའ་ལན། གསུང་རྩོམ། * ནང་པའི་ལྟ་སྤྱོད་ཀུན་བཏུས། * རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན། * སེམས་ཀྱི་ཞི་བདེ། * གསུང་རྩོམ་ཐོར་བུ། ཐད་ཀར་རྒྱང་བསྲིང། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ནས་༢༩ བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ ་ཏྲི་དགའ་ལྡན་དགོན་པ་རུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མ ོའི་གསུང་ཆོས་སྩལ་རྒྱུ། འདིར་ནོན༌༌༌ ཡིག་ཚང་། * གསར་འགོད་བཅར་འདྲི། * ཐད་ཀར་རྒྱང་བསྲིང། * མཇལ་ཁའི་སྐོར་ལ་ངོ་སྤྲོད། * ཡིག་ཚང་ངོ་སྤྲོད། ཡིག་ཆ་གསར་ཤོས་བཅུ། ༸གོང་ས་མཆོག་ཀོལ་ཀ་ཏར་ཡོད་པའི་ཡི་ཤུ་གཞན་ཕན་དགེ་རྩར་ཆིབས་སྒྱུར་བསྐྱངས་པ། གྷུ་ཇུ་ར་ཏིའི་གྲོང་ཁྱེར་སུ་ར་ཏྲ་རུ་ཕྱི་ལོ་གསར་པའི་མཛད་འཕྲིན་གྱི་ཐོག་མ་བ སྐྱངས་པ། ལམ་རིམ་གསུང་ཆོས་རེ་ཞིག་གནང་སྒོ་མཇུག་བསྡུས་པ། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།སོག་པ ོའི་སྤྱི་ཁང་སྒོ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལམ་རིམ་གསུང་ཆོས་དབུ་འཛུགས་མཛད་པ། ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དུ་བཟང་སྤྱོད་སྐོར་ལ་བཀའ་སློབ་སྩལ་བ། ར་ཤཱི་ཡའི་དད་ལྡན་ཆོས་ཞུ་བར་སྤྱོད་འཇུག་གསུང་ཆོས་གནང་སྒོ་མཇུག་སྒྲིལ་བ། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས། (ཐད་གཏོང་།)ལྡི་ལི་རུ་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་ལ་དབུ་བཞུགས་མཛད་པ།